关于征集“那曲市歌”优秀原创歌词的公告
为以铸牢中华民族共同体意识为主线,以加快建设高原优秀特色文化继承创新区为目标,充分挖掘和彰显那曲悠久的历史文化、丰富的人文风俗、独特的自然资源,突出那曲推进生态文明、改革发展、民族团结、乡村振兴的奋发精神,展示藏北各族儿女共同团结进步、共同繁荣发展成果和凝聚感恩之心、鼓舞奋进之志的时代精神,宣传新时代新那曲新作为新形象,扩大那曲的知名度和美誉度。现面向社会各界人士,特别是广大歌词创作者、爱好者公开征集“那曲市歌”优秀原创歌词,现就有关事项公告如下:一、征集单位
那曲市文化和旅游局
二、征集时间2023年12月1日-2023年12月30日(30天)
三、作品要求
(一)作品突出反映那曲的人文之美、自然之美、生活之美、发展之美、精神之美和奋进之音;(二)作品要词语精炼、主题鲜明、朗朗上口、便于传唱、易于流传,具有较强的艺术表现力、感染力和时代特征;
(三)作品必须为新创作或未曾发表的原创作品,作品不得侵犯他人知识产权及合法权益。由此引起的后果,均由作品提交人自行负责;
(四)作品字数控制在300字以内,参与者需附创作思路、理念以及含义说明文字。
(五)作品语言采纳两种:1.国家通用语言文字作品;2.藏文作品(需附国家通用语言文字翻译)。
四、评选办法
征集活动结束后,主办单位组织相关领域专家及人员,本着公开、公平、公正的原则,对所有来稿进行认真评选,选出6个入围作品,并将在那曲文旅、那曲融媒等平台进行公示,广泛征求各族群众的意见建议。公示期结束后,最终结果将在相关媒体新闻上进行公布。
五、奖项设置
一等奖1名、稿酬10000元
二等奖2名、稿酬各5000元
三等奖3名、稿酬各3000元
以上奖励金额为人民币,且均为含税金。主办单位根据应征歌词质量,有权决定一等奖空缺。
六、投稿方式
应征作品填写作者资料,提供作者姓名、联系电话、有效证件复印件;作品内容电子版资料;如实填写原创作品承诺书;邮寄至那曲市文化和旅游局(那曲镇辽宁南路5号、邮编852000)或发送至nqdqwhj@163.com;
七、其他事项
(一)应征作品获奖后,除署名权归作者所有外,著作权归主办方所有。主办方可以授权第三方使用,有权对作品进行修改、谱曲、演唱和宣传。应征者参与投稿即视为同意此项约定。
(二)所有征集作品均不退稿,应征者保留好原始资料。
(三)那曲市文化和旅游局拥有对本次征集活动的最终解释权。如有疑问请联系:德吉央宗
“ནག་ཆུ་གྲོང་ཁྱེར་གྱི་གླུ་གཞས”ཀྱི་ཕུལ་བྱུང་མ་རྩོམ་གཞས་ཚིག་འཚོལ་བསྡུ་བྱེད་རྒྱུའི་སྐོར་གྱི་གསལ་བསྒྲགས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་།ས་མཐོའི་ཕུལ་བྱུང་ཁྱད་ལྡན་རིག་གནས་རྒྱུན་འཛིན་གསར་གཏོད་ཁུལ་གང་མགྱོགས་བསྐྲུན་རྒྱུ་དམིགས་ཚད་དུ་འཛིན་པ།ནག་ཆུའི་ཡུན་རིང་གི་ལོ་རྒྱུས་རིག་གནས་དང་།ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས།ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་བཅས་སྔོག་འདོན་དང་མངོན་པ།ནག་ཆུའི་སྐྱེ་ཁམས་ཤེས་དཔལ་དང་།སྒྱུར་བཅོས་གོང་འཕེལ།མི་རིགས་མཐུན་སྒྲིལ།གྲོང་གསེབ་དར་རྒྱས་བཅས་ཀྱི་སྙིང་སྟོབས་ཆེར་སྐྱེད་དང་།བོད་བྱང་ཐང་མི་རིགས་ཁག་གི་བུ་ཕྲུག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་།ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་གྲུབ་འབྲས་དང་བཀའ་དྲིན་ཚོར་སེམས་གཅིག་སྒྲིལ།འབད་འབུངས་ཡར་བརྩོན་ལ་སྐུལ་ལྕག་གཏོང་བ་བཅས་ཀྱི་དུས་རབས་ཀྱི་སྙིང་སྟོབས་མངོན་པ།དུས་རབས་གསར་པའི་ནག་ཆུ་གསར་པ་དང་།ལས་རྗེས་གསར་པ།གཟུགས་བརྙན་གསར་པ་དྲིལ་བསྒྲགས།ནག་ཆུའི་མཚན་སྙན་གྲགས་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱ་ཆེད།ད་ལྟ་སྤྱི་ཚོགས་དང་ལས་རིགས་ཁག་གི་མི་སྣ་དང་ལྷག་པར་དུ་རྒྱ་ཆེའི་གཞས་ཚིག་རྩོམ་པ་པོ་དང་དགའ་མོས་པར་ཡོངས་བསྒྲགས་ཐོག“ནག་ཆུ་གྲོང་ཁྱེར་གྱི་གླུ་གཞས”ཀྱི་ཕུལ་བྱུང་མ་རྩོམ་གཞས་ཚིག་འཚོལ་བསྡུ་བྱེད་རྒྱུ་ཡིན་པས་འབྲེལ་ཡོད་དོན་ཚན་གསལ་བསྒྲགས་བྱེད་རྒྱུ་གཤམ་གསལ།
གཅིགའཚོལ་བསྡུའི་ཚན་པ།
ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད།
གཉིས།འཚོལ་བསྡུའི་དུས་ཚོད།
2023ལོའི་ཟླ་12ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་30ཉིན་བར(ཁྱོན་ཉིན་༣༠)ཡིན།
གསུམ།གཞས་ཚིག་གི་བླང་བྱ།
(གཅིག)གཞས་ཚིག་དེས་ནག་ཆུའི་སྤྱི་ཚོགས་དང་།རང་བྱུང་།འཚོ་བ།གོང་འཕེལ།དེ་བཞིན་སྙིང་སྟོབས་དང་མདུན་སྐྱོད་བཅས་ཀྱི་རྣམ་པ་མཚོན་དགོས།
(གཉིས)གཞས་ཚིག་གོ་བདེ་སྙིང་བསྡུས་དང་།གཙོ་དོན་ཁ་གསལ།དར་ཁྱབ་ཆེ་བ་བཅས་ཡིན་དགོས་ཤིང་།སྒྱུ་རྩལ་གྱི་མཚོན་ནུས་དང་།ཡིད་དབང་འགུག་ནུས།དུས་རབས་ཀྱི་ཁྱད་ཆོས་བཅས་ཆེ་ཙམ་ལྡན་དགོས།
(གསུམ)གཞས་ཚིག་དེ་ངེས་པར་དུ་གསར་དུ་རྩོམ་པའམ་ཡང་ན་འགྲེམས་སྤེལ་བྱས་མེད་པའི་མ་རྩོམ་གཞས་ཚིག་ཡིན་དགོས་ཤིང་།མི་གཞན་གྱི་ཤེས་རིག་བདག་དབང་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོགདེ་ལས་བྱུང་བའི་མཇུག་འབྲས་ཚང་མ་གཞས་ཚིག་འདོན་སྤྲོད་བྱེད་མཁན་གྱིས་འགན་འཁུར་དགོས།
(བཞི)གཞས་ཚིག་གི་ཡིག་འབྲུ་300ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་།རྩོམ་པ་པོས་གསར་རྩོམ་གྱི་བསམ་ཕྱོགས་དང་།འདུ་ཤེས།དེ་བཞིན་གོ་དོན་གསལ་བཤད་ཡི་གེ་བཅས་ཟུར་དུ་འགོད་དགོས།
(ལྔ)གཞས་ཚིག་གི་ནང་དོན་སྐད་ཡིག་རིགས་གཉིས་ལས་གང་རུང་ཡིན་ཆོག་སྟེ།༡.རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཞས་ཚིག༢.བོད་ཡིག་གི་གཞས་ཚིག(ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཡིག་སྒྱུར་ཟུར་དུ་འགོད་དགོས)
བཞི།དཔྱད་འདེམས་བྱེད་ཐབས།
འཚོལ་བསྡུའི་བྱེད་སྒོ་མཇུག་འགྲིལ་རྗེས་གཙོ་གཉེར་ཚན་པས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་དང་མི་སྣ་སྒྲིག་འཛུགས་བྱས་ཏེ་ཡོངས་བསྒྲགས་དང་།དྲང་སྙོམས།དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་།གཞས་ཚིག་གི་མ་ཟིན་ཚང་མར་དཔྱད་འདེམས་ནན་ཏན་བྱས་ཏེ།གཞས་ཚིག་ཁག་6འདེམས་རྒྱུ་མ་ཟད་ནག་ཆུ་རིག་གནས་ཡུལ་སྐོར་དང་།ནག་ཆུ་མཉམ་འདྲེས་སྨྱན་སྦྱོར་སོགས་ཀྱི་ལས་སྟེགས་སུ་གསལ་བསྒྲགས་བྱས་ནས།མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་གྲོས་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་རྒྱུ།གསལ་བསྒྲགས་བྱེད་ཡུན་མཇུག་འགྲིལ་རྗེས་མཐའ་འབྲས་དེ་འབྲེལ་ཡོད་སྨྱན་སྦྱོར་དང་གསར་འགྱུར་ཐོག་ཁྱབ་བསྒྲགས་བྱེད་རྒྱུ།
ལྔ།བྱ་དགའི་རྣམ་གྲངས།
བྱ་དགའ་ཨང་དང་པོ་མི་1དང་།རྩོམ་ཡོན་སྒོར་10000ཡོད་པ།
བྱ་དགའ་ཨང་གཉིས་པ་མི་2དང་།རྩོམ་ཡོན་སྒོར་5000ཡོད་པ།
བྱ་དགའ་ཨང་གསུམ་པ་མི་3དང་།རྩོམ་ཡོན་སྒོར་3000ཡོད་པ།
གོང་གི་བྱ་དགའི་དངུལ་གྲངས་ནི་མི་དམངས་ཤོག་སྒོར་ཡིན་པ་དང་ཁྲལ་རིན་ཚུད་ཡོད།གཙོ་གཉེར་ཚན་པས་གཞས་ཚིག་གི་སྤུས་ཚད་ལྟར་བྱ་དགའ་ཨང་དང་པོ་སྟོང་པར་བཞག་དབང་ཡོད།
དྲུགགཞས་ཚིག་བསྐུར་སྟངས།
གཞས་ཚིག་རྩོམ་པ་པོའི་ལོ་རྒྱུས་འབྲི་དགོས་པ་དང་།རྩོམ་པ་པོའི་རུས་མིང་དང་།འབྲེལ་གཏུག་ཁ་པར།གོ་ཆོད་པའི་དཔང་འཛིན་གྱི་བསྐྱར་པར་བཅས་མཁོ་འདོན་བྱེད་དགོས།གཞས་ཚིག་གི་ནང་དོན་གློག་རྡུལ་པར་གཞི་ཡིན་དགོས།མ་རྩོམ་གཞས་ཚིག་ཡིན་པའི་ཁས་ལེན་ཡི་གེ་འབྲི་དགོས།ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད(ནག་ཆུ་གྲོང་རྡལ་ལིའོ་ཉིང་ལྷོ་ལམ་སྒོ་རྟགས་5པ།སྦྲག་ཨང་852000))ལ་སྦྲག་ཐོག་ནས་བསྐུར་བའམ་ཡང་ན་nqdqwhj 163.comདུ་བསྐུར་ཆོག
བདུན།དེ་མིན་དོན་ཚན།
(གཅིག)གཞས་ཚིག་ལ་བྱ་དགའ་ཐོབ་རྗེས།མིང་འགོད་དབང་ཆ་དེ་རྩོམ་པ་པོར་དབང་བ་ཕུད་བརྩམས་ཆོས་ཀྱི་བདག་དབང་དེ་གཙོ་གཉེར་ཕྱོགས་ལ་དབང་རྒྱུ།གཙོ་གཉེར་ཕྱོགས་ཀྱིས་ཕྱོགས་གསུམ་པར་བེད་སྤྱོད་བྱེད་དབང་སྤྲད་ཆོག་པ་དང་།བཟོ་བཅོས་དང་།དབྱངས་རྩོམ་པ།འཁྲབ་སྟོན།དྲིལ་བསྒྲགས་བཅས་བྱེད་དབང་ཡོད།གཞས་ཚིག་བསྐུར་བ་ནས་བཟུང་ཁ་ཆད་འདིར་མོས་མཐུན་བྱས་པ་བརྩི་རྒྱུ།
(གཉིས)འཚོལ་བསྡུ་བྱས་པའི་གཞས་ཚིག་ཚང་མ་ཕྱིར་སློག་བྱེད་ཀྱི་མེད་པས་བསྐུར་མཁན་ཚོས་ཐོག་མའི་དཔྱད་ཡིག་ཉར་ཚགས་ཡག་པོ་བྱེད་དགོས།
(གསུམ)ད་ཐེངས་ཀྱི་འཚོལ་བསྡུའི་བྱེད་སྒོའི་མཐའ་མའི་འགྲེལ་བཤད་རྒྱག་དབང་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ལ་ཡོད།
གལ་ཏེ་དོགས་གཞི་ཡོད་ཚེ་བདེ་སྐྱིད་གཡང་འཛོམས་ལ་འབྲེལ་བ་གནང་རོགས།
页:
[1]